关于贡觉县政务服务中心常驻公章刻制机构遴选结果的公示"/>
为进一步优化我县营商环境,提高“一站式”政务服务水平,更好地服务企业及群众,真正让企业和群众少跑腿、减成本、快办事。我中心于2025年7月3日、7月17日通过“网信贡觉”微信公众平台、政府门户网站发布了《贡觉县政务服务中心关于引进公章刻制机构入驻的公告》<关于变更《贡觉县政务服务中心关于引进公章刻制机构入驻的公告》内容的公告>,现将遴选结果公示如下:
一、进驻印章刻制主体情况
截至报名结束,共计报名刻章机构1家,根据《公告》评选方式,拟定符合各项条件的“昌都市鸿祥印章有限公司”常态入驻服务(进驻期限为1年,期满后根据政策和实际需求进行变更),后续再有申请入驻的刻章企业,每季度第一个工作周期另行评比择优2家轮流入驻,确定结果将对外公示,接受社会监督。
二、刻章价格情况
公章305元/枚、发票专用章305元/枚、财务专用章305元/枚、法人章255元/枚、合同章305元/枚,均为昌都市统一市场价格。
三、公示期限
公示期为三个工作日(2025年7月23日至7月25日),公示期内如有异议请向0895-4533377 18389079238进行反馈。
附件:承诺印章收费标准(二维码)
贡觉县政务服务中心
2025年7月23日
གོ་འཇོ་རྫོང་སྲིད་དོན་ཞབས་ཞུ་ལྟེ་གནས་སུ་རྒྱུན་སྡོད་ཐམ་ག་བཟོ་བའི་ཚན་པ་འདེམས་སྒྲུག་བྱས་འབྲས་ཡོངས་བསྒྲགས།
རང་རྫོང་གི་ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ་དང་། “གཅིག་འཐུས་རྣམ་པའི”སྲིད་དོན་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། ཁེ་ལས་དང་མང་ཚོགས་ལ་ཞབས་འདེགས་སྔར་བས་ལེགས་པ་ཞུ་བ། ཁེ་ལས་དང་མང་ཚོགས་ལ་འགྲོ་འོང་ཉུང་དུ་གཏོང་བ་དང་མ་གནས་གཅོག་པ། ལས་དོན་སྒྲུབ་པ་མགྱོགས་སུ་གཏོང་ཆེད། ངེད་ལྟེ་གནས་ཀྱིས་2025ལོའི་ཟླ་7ཚེས་3ཉིན་དང་ཟླ་7ཚེས་17ཉིན“དྲ་འཕྲིན་གོ་འཇོ”འཕྲིན་ཕྲན་སྤྱི་པའི་སྟེགས་བུ་དང་སྲིད་གཞུང་གི་གཙོ་ཆེའི་དྲ་ཚིགས་ཐོག«གོ་འཇོ་རྫོང་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་ཐམ་ག་བཟོ་བའི་ཚན་པ་བཅའ་སྡོད་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས» «<གོ་འཇོ་རྫོང་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་ཐམ་ག་བཟོ་བའི་ཚན་པ་བཅའ་སྡོད་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས་>ནང་དོན་བསྒྱུར་བཅོས་ཀྱི་སྤྱི་བསྒྲགས»སྤེལ་ཡོད། འདེམས་འཐུས་ཀྱི་མཇུག་འབྲས་ཁྱབ་བསྒྲགས་བྱ་རྒྱུ་གཤམ་གསལ་ལྟར།
གཅིག བཅའ་སྡོད་བྱས་པའི་ཐམ་ག་བཟོ་མཁན་ཚན་པའི་གནས་ཚུལ།
མིང་ཐོ་འགོད་མཇུག་འགྲིལ་བའི་བར། མིང་ཐོ་འགོད་མཁན་གཞུང་ཐམ་རྐོ་བཟོ་ཚན་པ་ཁྱོན་གཅིག། «སྤྱི་བསྒྲགས»ཀྱི་དཔྱད་འདེམས་བྱེད་སྟངས་ལ་གཞིགས་ཏེ་ཆ་རྐྱེན་ཁག་དང་མཐུན་པའི“ཆབ་མདོ་གྲོང་ཁྱེར་ཧུང་ཞང་ཐམ་ག་ཚད་ཡོད་ཀུང་སིའི”རྒྱུན་རྣམ་བཅའ་སྡོད་བྱེད་རྒྱུ་ཡིན། ⁽བཅའ་སྡོད་དུས་ཡུན་ལོ་གཅིག་ཡིན་པ་དང་དུས་ཚད་ཐིམ་རྗེས་སྲིད་ཇུས་དང་དགོས་མཁོ་དངོས་ལ་གཞིགས་ནས་འགྱུར་ལྡོག་གཏོང་རྒྱུ⁾ དེ་རྗེས་མུ་མཐུད་བཅའ་སྡོད་བྱེད་འདོད་ཡོད་པའི་ཐམ་ག་རྐོ་བཟོའི་ཚན་པ་ཡོད་ཚེ། དུས་ཚིགས་རེའི་ལས་ཀའི་དུས་ཡུན་དང་པོའི་ནང་ཚན་པ་གཉིས་འདེམས་ནས་རེས་མོས་ངང་བཅའ་སྡོད་བྱེད་རྒྱུ་ཡིན། གཏན་འཁེལ་བྱས་པའི་མཇུག་འབྲས་སྤྱི་བསྒྲགས་བྱས་ནས་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་རྒྱུ་ཡིན།
གཉིས། ཐམ་གའི་རིན་གོང་།
གཞུང་ཐམ་རེར་སྒོར་305 འཛིན་ཤོག་གི་ཐམ་ག་རེར་སྒོར་305 ནོར་དོན་གྱི་ཐམ་ག་རེར་སྒོར་305 ཁྲིམས་མིའི་ཐམ་ག་རེར་སྒོར་255 གན་འཇོག་ཐམ་ག་རེར་སྒོར་305 ཚང་མ་ཆབ་མདོ་གྲོང་ཁྱེར་གྱི་གཅིག་གྱུར་ཁྲོམ་རའི་རིན་གོང་ཡིན།
གསུམ། སྤྱི་བསྒྲགས་དུས་ཚོད།
སྤྱི་བསྒྲགས་བྱེད་ཡུན་ནི་ལས་ཀའི་ཉིན་གསུམ་(2025ལོའི་ཟླ་7ཚེས་23ཉིན་ནས་ཟླ་7ཚེས་25ཉིན་བར།)སྤྱི་བསྒྲགས་བྱེད་ཡུན་ནང་བསམ་འཆར་མི་འདྲ་བ་ཡོད་ན་0895-4533377 ཁ་པར་རྒྱབ་གནང་རོགས།
ཟུར་བཀོད། ཁས་ལེན་ཐམ་གའི་གྲོན་བསྡུའི་ཚད་གཞི།(རྩ་གཉིས་ཨང་རྒས།)
གོ་འཇོ་རྫོང་སྲིད་དོན་ཞབས་ཞུའི་ལྟེ་གནས།
2025ལོའི་ཟླ་7པའི་ཚེས་23ཉིན།