贡觉县政务服务大厅关于深化“帮办代办”服务的公告"/>
贡觉县人民政府
广大市民、农牧民朋友:
为进一步方便大家办事,解决办事路途远、行动不便、业务流程复杂等难题,我县政务服务大厅全面升级免费帮办代办服务。现将相关服务内容、办理方式公告如下:
优先为以下特殊群体提供专属服务:老人、孕妇、残疾人、重病患者、孤寡老人、困境儿童、伤病残退役军人、老党员干部等特殊群体提供上门服务,以及县域内有需要的外来游客。其他办事群众如遇行动不便困难,可申请帮办代办服务。
帮办代办涵盖大厅部分政务服务事项,具体事项清单详情请扫描下方二维码查看(附件1)。
冬季(按当地作息执行):09:30—13:00、15:30—18:00;夏季(按当地作息执行):09:30—13:00、15:30—18:30。
您可直接前往政务服务大厅帮办代办窗口(咨询引导台、24号窗口),向工作人员说明办事需求,按要求填写相关申请表与承诺书,提交相关材料即可。完整办理流程可扫描二维码查看(附件2)。
服务时间段拨打帮办代办服务热线:0895-4533377,告知工作人员您需要办理的业务、个人情况,工作人员根据申请事项紧急程度安排人员对接服务。
(一)全程帮办:适合不会操作、流程复杂、材料较多的业务。工作人员全程陪同,协助您取号、填表、复印材料、提交申请,一站式办完业务。
(二)委托代办:临时有事无法现场等候的群众,相关材料齐全可委托工作人员代为办理,全程依规高效办结。
(三)上门办理:针对行动不便、无法前往大厅的特殊群体,我们提供上门服务、集中办理,最大程度减少您的出行麻烦。
全程免费。本项目帮办、代办、上门服务不收取任何费用,请大家相互监督。
高效办事。严格按照流程办理,尽量缩短等待与办理时间。
贴心服务。耐心解答疑问,用心协助每一位办事群众。
贡觉县珙珏广场政务服务大厅。
贡觉县行政审批和便民服务局将持续优化政务服务,用心用情为广大群众排忧解难。欢迎大家按需申请!
附件:1.贡觉县政务服务帮办代办事项清单(二维码)

2.贡觉县政务服务帮办代办流程图(二维码)

贡觉县行政审批和便民服务局
2026年6月16日
གོ་འཇོ་རྫོང་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱིས"ལས་རོགས་ཚབ་སྒྲུབ"གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཞབས་ཞུའི་སྤྱི་བསྒྲགས།
རྒྱ་ཆེའི་གྲོང་མི་གྲོགས་པོ་རྣམ་པ།
མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་སྲིད་དོན་ཞབས་ཞུའི་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ་དང་སྲིད་དོན་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས་མང་ཚོགས་ཀྱི་ལས་དོན་སྒྲུབ་དཀའ་བ་དང་།ལས་དོན་སྒྲུབ་དལ་བ།ལས་དོན་སྒྲུབ་པར་རྙོག་དྲ་ཆེ་བ་སོགས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ་དང་།ལྷག་པར་དུ་དོན་དག་ཡོད་པས་སྒུག་མི་ཐུབ་པའི་མང་ཚོགས་ལ་སྟབས་བདེ་སྐྲུན་ཆེད།ངེད་ལྟེ་གནས་ཀྱིས"ལས་རོགས་ཚབ་སྒྲུབ"ཀྱི་ཞབས་ཞུ་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན།འབྲེལ་ཡོད་སྤྱི་བསྒྲགས་གཤམ་གསལ་ལྟར།
གཅིག ཞབས་ཞུའི་ནང་དོན།
(གཅིག)བརྒྱུད་རིམ་ཧྲིལ་པོར་སྒྲུབ་རོགས་བྱེད་པ། ལས་སྒོ་ཁག་ཅིག་གི་བརྒྱུད་རིམ་རྙོག་འཛིང་ཆེ་བ་དང་དཔྱད་ཡིག་ཅུང་མང་བ་ལ་དམིགས་ཏེ།ལས་ཚབ་མི་སྣས་བློ་འདྲི་དང་།ཁྲིད་སྟོན།ཨང་རྟགས་ལེན་པ།རང་འདེམས་འདྲི་རྩད།རེའུ་མིག་འབྲི་བ།དཔར་འདེབས་བསྐྱར་དཔར་བཅས་ནས་དཔྱད་ཡིག་བསྐྱལ་པའི་བརྒྱུད་རིམ་ཧྲིལ་པོའི་རོགས་འདེགས་ཞབས་ཞུ་འདོན་སྤྲོད་བྱས་ཏེ།མང་ཚོགས་ལ་ལས་དོན་བདེ་བླག་ངང་སྒྲུབ་རོགས་བྱེད།
(གཉིས།)ལས་ཚབ་མངགས་བཅོལ་བྱེད་པ། དམིགས་བསལ་གྱི་གནས་ཚུལ་བྱུང་བའི་རྐྱེན་གྱིས་གནས་སྐབས་ལས་ཀ་ཡོད་པས་ལས་དོན་སྒྲུབ་པར་སྒུག་ཐབས་བྲལ་བའི་མང་ཚོགས་ལ་ཆེད་མངགས་ཚབ་སྒྲུབ་མི་སྣར་འབྲེལ་ཡོད་ལས་སྒོ་ཚབ་སྒྲུབ་བྱ་རྒྱུའི་མངགས་བཅོལ་བྱས་ཆོག ལས་ཚབ་མི་སྣས་མངགས་བཅོལ་གྱི་བླང་བྱར་ནན་པོར་གཞིགས་ནས་གཉེར་སྒྲུབ་བརྒྱུད་རིམ་ཁྲིམས་མཐུན་ལུགས་མཐུན་དང་ལས་ཕྱོད་ཆེ་ལ་སྟབས་བདེ་ཡོང་བའི་འགན་ལེན་བྱེད།
གཉིས། ཞབས་ཞུའི་ཁྱབ་ཁོངས།
ཟུར་བཀོད།1ལ་གསལ།(རྩ་གཉིས་ཨང་རྟགས།)
གསུམ། ཞབས་ཞུ་བྱེད་སྟངས།
(གཅིག) ལས་ཡུལ་དངོས་སུ་རེ་འདུན་ཞུ་བ། གྲོང་མིས་ཐད་ཀར་སྲིད་དོན་ཞབས་ཞུ་ལྟེ་གནས་སུ་བསྐྱོད་དེ་ཚབ་སྒྲུབ་སྐར་ཁུང(བློ་འདྲི་སྣེ་ཁྲིད་སྟེགས་བུའམ་ཡང་ན་སྐར་ཁུང་ཨང་24པ)ཕྱིན་ནས་ལས་དོན་མི་སྣར་རེ་ཞུ་བྱས་ཏེ། མངགས་བཅོལ་རེ་ཞུའི་རེའུ་མིག་དང་ཁས་ལེན་ཡི་གེ་འབྲི་ནས་འབྲེལ་ཡོད་དཔྱད་ཡིག་མཁོ་འདོན་བྱེད་ཕྱོགས། བརྒྱུད་རིམ་ཞིབ་ཕྲ་ཟུར་བཀོད2ལ་གསལ་པོ་མཐོང་རྒྱུ་ཡོད། (རྩ་གཉིས་ཨང་རྟགས)
(གཉིས།) ཁ་པར་ཐོག་ནས་སྔོན་མངག་བྱེད་པ།སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱིས་ཚབ་སྒྲུབ་ཞབས་ཞུའི་ཐད་སྦྲེལ་ཁ་པར་0895-4533377ལ་ཁ་པར་བརྒྱབ་ནས་ལས་དོན་མི་སྣར་སྒྲུབ་དགོས་པའི་དོན་ཚན་དང་དེ་བཞིན་ཞིབ་ཕྲའི་དགོས་མཁོ་གསལ་བཤད་བྱས་ན། ལས་དོན་མི་སྣས་གནས་ཚུལ་ལ་གཞིགས་ནས་ཚབ་སྒྲུབ་མི་སྣ་བཀོད་སྒྲིག་བྱས་ཏེ་ཁྱེད་དང་འབྲེལ་བ་བྱ་རྒྱུ་ཡིན།
བཞི། ཞབས་ཞུའི་དུས་ཚོད།
སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་རྒྱུན་གཏན་ལས་ཀའི་དུས་ཚོད་དང་གཅིག་མཚུངས་ཡིན། གཟའ་ཟླ་བ་ནས་གཟའ་པ་སངས་བར་(ཁྲིམས་གཏན་འཁེལ་བའི་དུས་ཆེན་དང་གུང་གསེང་ཕུད། ) དགུན་དུས་ཀྱི་སྔ་དྲོ། (09:30-13:00) ཕྱི་དྲོ། (15:30-18:00) ; བྱར་དུས་ཀྱི་སྔ་དྲོ། (09:30-13:00) ཕྱི་དྲོ།(15:30-18:30)
ལྔ། ཞབས་ཞུའི་ཁས་ལེན།
(གཅིག)ལས་ཆོད་ཆེ་པོས་བསྒྲུབ་པ། ཚབ་སྒྲུབ་མི་སྣས་གཏན་འབེབས་ཀྱི་བརྒྱུད་རིམ་དང་དུས་ཚོད་ཀྱི་མཚམས་ཚིགས་ལ་ནན་པོར་གཞིགས་ནས་ལས་སྒོ་གཉེར་རྒྱུར་སྐུལ་འདེད་བཏང་སྟེ་དུས་ཚོད་ཐུང་ཤོས་ནང་ལས་འགན་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན།
(གཉིས།)སྙིང་ཉེ་བའི་ཞབས་ཞུ། སྤྲོ་སེམས་དང་ངང་རྒྱུད་རིང་པོའི་རྣམ་འགྱུར་ཐོག་ནས་མང་ཚོགས་ལ་ཞབས་འདེགས་ཞུས་ཏེ་དྲི་བ་ཡོད་ཚེ་ལན་འདེབས་པ་དང་རེ་བ་ཡོད་ཚེ་སྒྲུབ་ཐུབ་པ་བྱ་རྒྱུ་ཡིན།
(གསུམ།)བརྒྱུད་རིམ་ཧྲིལ་པོར་རིན་མི་དགོས། ཚབ་སྒྲུབ་ཞབས་ཞུ་སྒྲུབ་པར་འགྲོ་གྲོན་གང་ཡང་མི་བསྡུ།
རྒྱ་ཆེའི་གྲོང་མི་གྲོགས་པོ་ཚོ།ཚབ་སྒྲུབ་ཞབས་ཞུ་སྒྲུབ་རོགས་བྱེད་པ་ནི་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱིས"མི་དམངས་ལྟེ་བར་འཛིན་པའི"འདུ་ཤེས་ལག་ལེན་བསྟར་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས།ང་ཚོས་བསམ་པ་རྣམ་དག་གིས་ཁྱེད་ལ་སྤུས་ལེགས་དང་ལས་ཆོད་ཆེ་བ།སྟབས་བདེ་བ་བཅས་ཀྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན།གལ་ཏེ་དགོས་མཁོ་ཡོད་ན།ཁྱེད་རང་རྫོང་སྲིད་དོན་ཞབས་ཞུ་ལྟེ་གནས་སུ་ལས་དོན་ཚབ་སྒྲུབ་བྱེད་པར་ཕེབས་པར་དགའ་བསུ་ཞུ་རྒྱུ་དང་།ང་ཚོས་བསམ་པ་རྣམ་དག་གིས་ཁྱེད་ལ་ཞབས་འདེགས་ཞུ་རྒྱུ་ཡིན།
ཟུར་བཀོད། 1.གོ་འཇོ་རྫོང་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱིས"ལས་དོན་ཚབ་སྒྲུབ"ཀྱི་དོན་ཚན་གསལ་ཐོ་(རྩ་གཉིས་ཨང་རྟགས།)
2.གོ་འཇོ་རྫོང་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱིས"ལས་དོན་ཚབ་སྒྲུབ"་ལས་ཀའི་བརྒྱུད་རིམ་རེའུ་མིག་(རྩ་གཉིས་ཨང་རྟགས།)
གོ་འཇོ་རྫོང་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུད།
2026ལོའི་ཟླ་6ཚེས་16ཉིན།